༈ སྔ་འགྱུར་ཀཿཐོག་ཨ་འཛོམ་འོད་ གསལ་མདོ་སྔགས་ཆོས་འཁོར གླིང་།
Ngagyur Kathok Adzom Wosel Dongag Choekorling
༈ བོད་རྒྱལ་ལོ་ ༢༡༤༥ དང་། སྤྱི་ལོ།༢༠༡༨/༠༢/༡༦/རབ་བྱུང།༡༧ པའི་རབ་གནས་ས་ཁྱི་ལོའི་གནམ་ལོ་གསར་དུ་འཆར་བའི་ཉིན་འདི་ག་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས་མཆོག་ཁྱད་པར་ཅན་བལ་ཡུལ་ཡང་ལེ་ཤོད་དང་ཉེ་བར་སྒྲུབ་པ་ལུང་དུ་ཡོད་པའི་ཨ་འཛོམ་ནམ་སྤྲུལ་རིན་པོ་ཆེ་འགྱུར་མེད་རྒྱ་མཚོ་མཆོག་གི་བླ་ན་མེད་པའི་ཐུགས་བསྐྱེད་དང་ཞུམ་པ་མེད་པའི་སྙིང་སྟོབས་ལ་བརྟེན་ནས་བྱུང་བའི༼སྔ་འགྱུར་ཀཿཐོག་ཨ་འཛོམ་འོད་གསལ་མདོ་སྔགས་ཆོས་འཁོར་གླིང་༽གི་ལོ་སར་ཉིན་དང་པོའི་མཛད་རིམ་ནི། སྔ་དྲོ་ཕྱག་ཚོད་༥/༣༠/ཐོག་མཆོད་དཔོན་ནས་མཁར་རྔས་བརྡས་སྐུར་བ་བཞིན་རྒྱུན་ལས་གོང་མའི་ཚོགས་གཞོན་སློབ་དཔོན་ངག་དབང་སྟོབས་རྒྱལ་མཆོག་དང་དགེ་སྐོས་རྣམ་གཉིས་ཀྱིས་དབུས་དགེ་འདུན་པ་རྣམས་ཀྱིས་སེར་སྦྲེངས་དང་བཅས་རིན་པོ་ཆེ་གཟིམས་ཁང་ནས་གཙུག་ལག་ཁང་དུ་གདན་འདྲེན་ཞུས་ཏེ་རིན་པོ་ཆེ་དབུས་དགེ་འདུན་པ་རྣམས་སོ་སོའི་གདན་ལ་འཁོད་ཅིང་དབུ་མཛད་ནས་བཀྲ་ཤིས་བརྒྱད་པ་ནས་རིམ་བཞིན་གནས་བརྟན་ཕྱག་མཆོད་སོགས་འདོན་རྗེས་ཚོགས་གཞོན་དང་དྲུང་ཡིག་དགེ་སྐོས་སོགས་ཀྱིས་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེབས་འབུལ་ཞུས་གྲུབ་རྗེས་འདུས་མང་ཡོངས་ལ་ཕྱེ་མར་དང་འབྲས་སིལ། གསོལ་ཇ་སོགས་དྲངས་ཏེ་ཚོགས་ཐེངས་དང་པོ་མཇུག་གྲུབ་སོང་། ཚོགས་ཐེངས་གཉིས་པ་ཕྱག་ཚོད་༨/༤༥/ཐོག་འཁར་རྔའི་བརྡས་སྐུལ་བ་དང་ལྷན་དགེ་སྐོས་སོགས་ནས་བདུག་སྤོས་ཀྱིས་སྣེ་དྲངས་ཏེ་རིན་པོ་ཆེ་ཆེ་གཙུག་ལག་ཁང་གི་མདུན་ཐང་དུ་གདན་དྲངས་ཤིང་དགེ་འདུན་པ་རྣམས་སོ་སོའི་བཞུགས་གདན་ལ་འཁོད་རྗེས་སློབ་གཉེར་བ་འཕྲིན་ལས་འོད་ཟེར་གྱིས་རྟེན་འབྲེལ་ལམ་ཡག་སྤྱན་འབུལ་ཞུས། དེ་རྗེས་འདུས་མང་ནས་རི་བོ་བསངས་མཆོད་སོགས་རིམ་པར་གསུངས་གྲུབ་མཚམས་འཇམ་མགོན་བླ་མ་མི་ཕམ་རིན་པོ་ཆེའི་གསུངས་བྱིན་རླབས་ཅན་གླིང་བྲོ་བདེ་ཆེན་རོལ་མོ་གཟིགས་འབུལ་ཞུས་ཏེ་དེ་རིང་གི་མཛད་རིམ་མཇུག་དེ་ཙམ་གྱིས་གྲུབ་སོང་།།
Today we celebrated Gyalpo Losar, 2145 at Azom Monastery in Nepal. The day began with long life puja presided over by Jurmey Jamtso Rinpoche. After breakfast, the lamas, monks and guests went outside for Tsang puja (smoke offering). Some of the young monks then delighted the audience with a ritual dance, Lingdro as written by Mipham Rinpoche. Then, we all gathered together for a hearty lunch and celebration of this auspicious new year. It was a joyous occasion for all Sangha and guests! We wish the coming year brings happiness and fulfillment to you!