Ngagyur Kathok Adzom Wosel Dongag Choekorling

༈ སྔ་འགྱུར་ཀཿཐོག་ཨ་འཛོམ་འོད་ གསལ་མདོ་སྔགས་ཆོས་འཁོར གླིང་།

H.H. Kathok Getse Rinpoche Maha Parinirvana Prayers

November 26, 2018
༈ བཀུར་འོས་རྒྱལ་ཁབ་ཕྱི་ནང་གང་སར་བཞུགས་པའི་དད་ལྡན་སེར་སྐྱ་འབྲེལ་ཡོད་མི་མང་ཡོངས་ཀྱིས་མཁྱེན་གསལ་ལྟར་ཞིང་གཤེགས་དམ་པ་མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་ཞུས་ན་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་༧སྐྱབས་རྗེ་ཀཿཐོག་དགེ་རྩེ་འགྱུར་མེད་བསྟན་པ་རྒྱལ་མཚན་དཔལ་བཟང་པོ་མཆོག་གང་གི་སྐུ་གདུང་མཆོད་འབུལ་ཆེད་དུ་འདི་གའི་བལ་ཡུལ་ཀཿཐོག་ཨ་འཛོམ་དགོན་འདུས་སྤྱི་དང་། བལ་ཡུལ་ཀཿཐོག་གཞི་ཆེན་བཻ་རོ་དགོན་འདུས་སྤྱི་དང་། མགོ་ལོག་ཐེབས་རྩ་ཁང་། སྐལ་བཟང་རྡོ་རྗེའམ་དགེ་རྩེ་རྒྱ་མཚོ་ནང་མི་བཅས་ལྷན་འཛོམས་ཀྱི་འདས་མཆོད་གོ་སྒྲིག་ཚོགས་ཆུང་གིས་བཀོད་སྒྲིག་འོག་གདུང་མཆོད་ཚོགས་གནས་བལ་ཡུལ་ཡང་ལེ་ཤོད་ཌོལླུ་ (Dollu) ཞེས་བྱ་བར་བལ་ཡུལ་སྔ་འགྱུར་ཀཿཐོག་ཨ་འཛོམ་དགོན་དུ། བལ་ཡུལ་སྔ་འགྱུར་ཀཿཐོག་གཞི་ཆེན་བཻ་རོ་གླིང་དགོན་དང་། བལ་ཡུལ་སྔ་འགྱུར་ཀཿཐོག་ཨ་འཛོམ་དགོན་ཆོས་སྡེ་གཉིས་ཀྱིས་གཙོ་འགན་བཞེས་ཏེ་དགོན་སྡེ་གཉིས་ཀྱི་དགེ་འདུན་པ་རྣམ་པ་དང་། ༸སྐྱབས་རྗེ་ཀཿཐོག་སི་ཏུ་རིན་པོ་ཆེ་མཆོག་དང་། བོད་ཀཿཐོག་མ་དགོན་གྱི་བསྟན་བདག་སྤྲུལ་སྐུ་རྣམ་པ་དང་། ཟངས་ཟངས་སྤྲུལ་སྐུ་རིན་པོ་ཆེ་སོགས་ཀྱིས་གཙོས་རྒྱལ་ཕྱི་ནང་དུ་མ་ནས་ཕེབས་པའི་༸སྐྱབས་རྗེ་བསྟན་བདག་བླ་སྤྲུལ་མཁན་སློབ་དགེ་བཤེས་བཅས་དགེ་འདུན་སྡེ་གཉིས་དང་། དད་ལྡན་མི་སེར་གང་མང་མང་ཞིག་མ་བསྐུལ་དང་བླང་ཐོག་མཉམ་འཛོམས་བྱས་ཏེ་རིན་པོ་ཆེ་མཆོག་གི་དགོངས་རྫོགས་སྨོན་ལམ་མཆོད་འབུལ་ཚོགས་དང་འཚོགས་བཞིན་ཡོད། འདས་མཆོད་གོ་སྒྲིག་ཚོགས་ཆུང་བཅས་འབྲེལ་ཡོད་ཐུན་མོང་ནས་སྤྱི་ལོ་ ༢༠༡༨ སྤྱི་ཟླ་ ༡༡ སྤྱི་ཚེས་ ༢༦ ཉིན་གྱི་པར་བརྙན་འགའ་ཞིག་གཟིགས་འབུལ་ཞུས་པ་ལགས་སོ།།