Ngagyur Kathok Adzom Wosel Dongag Choekorling

༈ སྔ་འགྱུར་ཀཿཐོག་ཨ་འཛོམ་འོད་ གསལ་མདོ་སྔགས་ཆོས་འཁོར གླིང་།

Tibetan Writing Competition on Summer retreat

September 6, 2018

༈ བོད་རབ་བྱུང་ ༡༧ པའི་ས་ཁྱི། སྤྱི་ལོ་༢༠༡༨ སྤྱི་ཟླ་ ༠༩ པའི་སྤྱི་ཚེས་ ༠༦ ཉིན་བལ་ཡུལ་ཡང་ལེ་ཤོད་སྔ་འགྱུར་ཀཿཐོག་ཨ་འཛོམ་འོད་གསལ་མདོ་སྔགས་ཆོས་འཁོར་གླིང་གཙུག་ལག་སློབ་གཉེར་ཁང་གི་ཤེས་ཡོན་ལྷན་ཚོགས་ཀྱི་འཛིན་སྐྱོང་འོག་དབྱར་གནས་སྐབས་དགེ་རྒན་རྣམས་ལས་བགོས་ཀྱིས་རིམ་བཞིན་རྒྱུགས་སྤྲོད་ལེན་བཞིན་ཡོད། དེ་ཡང་འདི་གའི་{བཤད་གྲྭ་འགྲོ་འདུལ་ངེས་དོན་གླིང་དང་། སློབ་གྲྭ་བློ་གསལ་དགའ་ཚལ་གླིང་}གི་གཞི་རིམ་སྔོན་འགྲོའི་འཛིན་གྲྭ་ནས་འཛིན་གྲྭ་བཞི་པ་བར་དབུ་མེད་ཡིག་གཟུགས་འགྲན་བསྡུར་དང་། གཞི་རིམ་འཛིན་གྲྭ་ལྔ་པ་དང་དྲུག་པ་གཉིས་ནས་དབུ་ཅན་ཡིག་གཟུགས་འགྲན་བསྡུར། འབྲིང་རིམ་འཛིན་གྲྭ་བདུན་པ་དང་བརྒྱད་པ་དགུ་པ་གསུམ་གྱིས་འཁྱུག་ཡིག་ཡིག་གཟུགས་འགྲན་བསྡུར། མཐོ་རིམ་དམིགས་བསལ་འཛིན་གྲྭ འཛིན་གྲྭ་དང་པོ། འཛིན་གྲྭ་གཉིས་པ་གསུམ་གྱིས་འཁྱུག་ཡིག་ཡིག་གཟུགས་འགྲན་བསྡུར་བྱས་པའི་རྣམ་པ་པར་དང་བཅས་བཀུར་འོས་དྲྭ་ཚོམས་འདིའི་རྒྱབ་ལྗོངས་སུ་ཕེབས་པའི་འབྲེལ་ཡོད་ཡོངས་ལ་སྤྱན་འབུལ་ཞུས་ཡོད། ཐུགས་རྗེ་ཆེ།

Azom Institute and School Students are doing the Tibetan Writing Competition on Summer retreat.